From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཆོས་སྐུ་དང་གཟུགས་སྐུ
|
Tibetan Definition
|
ཆོས་སྐུ་ལ་གཉིས་ཡོད་དེ། དེ་ཁོ་ན་ཉིད་ལ་རྟག་ཏུ་མཉམ་པར་བཞག་པའི་རྒྱལ་བའི་ཐུགས་ལ། ཆོས་སྐུ་ཟེར་བ་ཞིག་དང་། ཡང་དྲི་མ་ཐམས་ཅད་ཟད་པའི་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཆོས་ཉིད་ལ། ཆོས་སྐུ་ཟེར་བ་གཉིས་ཡོད་དོ། །དང་པོ་ལ་ཡེ་ཤེས་ཆོས་སྐུ་དང་། གཉིས་པ་ལ་ངོ་བོ་ཉིད་སྐུ་ཟེར། སྒྲ་བཤད་ནི། འདིས་ཆོས་ཉིད་རྟོགས་པས་ན་ཆོས་སྐུ་ཞེས་ཟེར་རོ། །ཡང་ན་འདིའི་ངོ་བོ་ཆོས་ཉིད་ཡིན་པས་ན་ཆོས་སྐུའོ། །གདུལ་བྱ་ལ་དངོས་སུ་སྣང་ནས་གཞན་དོན་བྱེད་པའི་སངས་རྒྱས་ཀྱི་སྐུ་ལ། གཟུགས་སྐུ་ཟེར་རོ། །
|