From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཇི་སྙེད
|
Tibetan Definition
|
ཇི་ཙམ། གང་ཡོད་ཐམས་ཅད། ཡོད་ཚད། འདུལ་བ་རྣམ་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༠ན༧ལས། ཇི་སྙེད་ཅེས་བྱ་བ་ནི་ཇི་ཙམ་མོ། །ཞེས་གསུངས་པ་ལྟར་རོ། །ཇི་སྙེད་པ་མང་པོའི་སྒྲ་ཡིན་ཏེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཇི་སྙེད་ཅེས་བྱ་མང་པོ་སྒྲ། །ཆོས་ཀྱི་དབྱིངས་ལ་མང་ཉུང་མེད། །དེ་ནི་སྤྲོས་བྲལ་ཡིན་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས། ཇི་སྙེད་ཅེས་བྱ་བ་ནི་ཇི་སྲིད་པ་སྟེ་ཚད་ཇི་ཙམ་ཡིན་པའོ། །ཞེས་གསུངས་པ་ལྟར་རོ། །
|