2476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ
Tibetan Definition 5 གཙོ་མོ་དང་བུད་མེད་མཆོག་ལ་ཟེར་ཏེ། ལུང་རྣམ་འབྱེད་ལས། ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ག་ལ་དེར་སོང་སྟེ་ཕྱིན་ནས་ཀ་ལན་ད་ཀའི་བུ་ཚེ་དང་ལྡན་པ་བཟང་བྱིན་གྱི་མ་ལ་འདི་སྐད་ཅེས་སྨྲས་སོ། །ཇོ་མོ་མཁྱེན་པར་མཛོད་ཅིག ཅེས་གསུངས་པ་ལྟ་བུ། སྒྲ་བཤད་ནི། མི་རྣམས་ཀྱི་གཙོ་མོ་ཡིན་པས་ན་ཇོ་མོ་ཞེས་བྱ་སྟེ། དེ་ནི་མིའི་གཙོ་བོ་ལ་ཇོ་བོ་ཞེས་བརྗོད་པ་ལྟར། ཇོ་མོ་ནི་བུད་མེད་ཀྱི་སྒྲ་སྦྱར་བ་ཙམ་ལས་དོན་ལ་ཇོ་བོ་དང་འདྲ།