2477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཇོ་མོ་གླང་མ
Tibetan Definition ཇོ་མོ་གངས་དཀར་ཡང་ཟེར། བལ་བོད་ཀྱི་ས་མཚམས་སུ་གངས་རྒྱལ་མོ་མཐོན་མཐིང་ངམ། མཁར་རྟའི་ཇོ་མོ་གླང་མ་ Mount Everest ཞེས་པ་འཛམ་གླིང་གི་གངས་རི་མཐོ་ཤོས་སུ་བརྩི་བ་དེ་ལ། བལ་པོས་सागर माता Sāgarmāthā སཱ་གར་མཱ་ཏཱ་ཟེར་ཞིང་། གངས་རི་འདིའི་མཐོ་ཚད་ནི་ཕི་ཀྲིའམ་རྐང་ཁྲུ་༢༩,༠༣༥དང་། མི་ཀྲར་ 8,849.868 m བརྒྱད་སྟོང་བརྒྱད་བརྒྱ་ལྔ་བཅུ་མ་ཟིན་ཙམ་ཡོད་ཅིང་། དེའི་རྩེ་མོར་ཕྱི་ལོ་༡༩༥༣ཟླ་བ་༥ཚེས་༢༩ཉིན་བོད་རིགས་ཤར་པ་བསྟན་འཛིན་ནོར་རྒྱས་དང་། Sir Edmond Hilary སཱར། ཨེཌ་མིན། ཧེ་ལ་རི་གཉིས་ཀྱིས་ཐོག་མར་འཛེགས་ཐུབ་པ་དང་། དེ་རྗེས་མི་རིགས་ཁ་ཤས་ཀྱིས་འཛེགས་ཡོད་ཀྱང་། ཕྱི་ལོ་༡༩༧༥ཟླ་བ་༥་ཚེས་༡༦ཉིན་ཉི་ཧོང་གི་བུད་མེད། Junko Tabei རྗུན་ཀོ་ཐས་བི་ཟེར་བས་འཛེགས་ནས་རྒྱལ་སྤྱིའི་བུད་མེད་ཀྱི་ལོར་གངས་རི་དེའི་རྩེར་བུད་མེད་ཀྱིས་འཛེགས་པར་ཐེངས་དང་པོ་ཡིན་པར་བརྟེན་འཛམ་གླིང་གི་ཆེ་དགུ་དང་། གསར་ཤོག་མང་པོས་བསྔགས་བརྗོད་བྱས། གངས་རི་འདི་འབྱུང་བའི་ཤུགས་ཀྱིས་ལོ་རེ་བཞིན་མཐོ་རུ་འགྲོ་གི་ཡོད་ཅིང་། ཕྱི་ལོ་༡༩༩༩ལོར་སྔར་ལས་ཕི་ཀྲིའམ་རྐང་ཚད་དྲུག་མཐོ་རུ་སོང་ཡོད་པར་བཤད། རི་འདི་ལོ་ས་ཡ་དྲུག་ཅུ་ཙམ་གྱི་གོང་ནས་ཐོག་མར་ཆགས་པའི་འགོ་ཚུགས་ཤིང་། Mount Everest ཨེ་ཝེ་རེ་སི་ཞེས་པའི་མིང་ཐོགས་ཚུལ་ནི། དབྱིན་ཇིའི་དམག་དཔོན། Sir George Everest སཱར། འཇོར་ཇི། ཨེ་ཝེ་རེ་སི་ཞེས་པས་གངས་རི་དེའི་མཐོ་ཚད་དང་ས་གནས་གར་ཡོད་ཀྱི་ཡིག་ཆ་གསལ་བར་གཏན་འབེབས་བྱས་པ་ནས་བཟུང་། ཇོ་མོ་གླང་མ་ལ། མོའོན་ཊ། ཨེ་ཝེ་རེ་སི་ཞེས་པའི་མིང་ཆགས། སྒྲ་བཤད་ནི། ཇོ་མོ་ནི་སྐབས་འདིར་ལྷ་མོའ་གཙོ་མོའི་མིང་དང་། གླང་མ་ནི་ལྷ་མོ་ཟུར་ཉམས་པ་ཡིན་པར་སེམས་སོ། །འོ་ན་ལྷ་མོ་ལྷ་མོ་ཞེས་པ་ལྟར་ཚིག་བཟློས་པའི་སྐྱོན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། དེ་ནི་སྡེབས་སྦྱོར་གྱི་དབང་གིས་དེ་ལྟར་དུ་བརྗོད་ཅིང་། གཞན་ཡང་ཇོ་མོ་ཞེས་པ་དོན་མང་པོ་ལ་འཇུག་པས་འདིར་ལྷ་མོའི་དོན་ནོ་ཞེས་གོ་བའི་ཕྱིར་དུའང་དེ་ལྟར་སྨོས་པས་སྐྱོན་མེད་དོ་སྙམ། གཞན་ཡང་ཚིག་སྔ་ཕྱི་གཉིས་དོན་འདྲ་བ་མང་དུ་ཡོད་དེ། དཔེར་ན། འགྲོ་ཆས། ཞེས་པ་ལྟ་བུ་སྟེ། སྤྱིར་འགྲོ་བ་དང་ཆས་པ་གཉིས་དོན་གཅིག་ཀྱང་མིང་ཚིག་ཏུ་བཞག་ཆོག་པ་དང་། གཞན་ཡང་། ཇོ་བོ་རྗེ། ཞེས་པ་ལྟ་བུ། ཡང་ན། ཇོ་མོ་ནི་གཙོ་མོ་དང་། གླང་མ་ནི། ལྷ་མོ་ཟུར་ཉམས་པར་སེམས་སོ། །ཞྭ་སྒབ་པའི་རྒྱལ་རབས་སོགས་ལ་གཞི་བྱས་ཏེ་བཀོད།