From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཇོ་མོ་ནང
|
Tibetan Definition
|
ཇོ་མོ་ནང་ནི་གཙང་གི་གཞིས་རྩེའི་ཁུལ་གྱི་ལྷ་རྩེ་རྫོང་ཁོངས་སུ་ཡོད་པར་བཤད་པ་ལྟར་ཡིན་ལ། ཇོ་ནང་པའི་གདན་ས་ཡང་ས་ཁུལ་དེར་ཡོད། སྒྲ་བཤད་ནི། ཇོ་མོ་ནང་ཞེས་པ་ནི་བུད་མེད་བཞུགས་ཡུལ་ཞེས་པའི་དོན་རེད། དེ་ཡང་ལོ་རྒྱུས་ནི། ཡུལ་དེར་སྔོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ཁོང་གི་འཁོར་བཙུན་མ་ཆིག་སྟོང་ཙམ་གནས་དེར་བཞུགས་ནས་ཆོས་འཆད་ཉན་དང་སྒྲུབ་པ་ཉམས་ལེན་མཛད་པས་ཡུལ་དེ་ལ་ཇོ་མོ་ (ཇོ་མོ་ནི་བུད་མེད་མཆོག་ལའང་འཇུག) ནང་ཞེས་མིང་ཐོགས་པར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དུ་གསལ་བ་ལྟར་ལགས་སོ། །
|