From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཇོ་ཤཱཀ་རྣམ་གསུམ
|
Tibetan Definition
|
དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་དཀར་ནག་བལ་པོ་བཅས་ནས་གདན་དྲངས་པའི་བོད་ཀྱི་ལྷ་རྟེན་ཐམས་ཅད་ཀྱི་ནང་ནས་རྩ་བ་ཆེ་ཤོས་ཀྱི་སྐུ་བརྙན་གསུམ་སྟེ། ༡ སྤྱན་རས་གཟིགས་བཅུ་གཅིག་ཞལ། (འདི་རྒྱ་གར་ལྷོ་ཕྱོགས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་རང་བྱུང་དུ་བྱོན་པའི་སྤྱན་གཟིགས་བཅུ་གཅིག་ཞལ་རྒྱ་གར་ནས་སྤྱན་དྲངས་པ) ༢ ཇོ་བོ་ཤཱཀྱ་མུ་ནི། (འདི་སྲོང་བཙན་གྱི་བཙུན་མོ་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་དུ་རྒྱ་ནག་ནས་གདན་དྲངས) ༣ ཇོ་བོ་མི་བསྐྱོད་རྡོ་རྗེ། (འདི་སྲོང་བཙན་སྒམ་པོའི་བཙུན་མོ་བལ་བཟའ་ཁྲི་བཙུན་གྱིས་བལ་པོ་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོའི་རྟེན་སྐད་དུ་བལ་ཡུལ་ནས་གདན་དྲངས) འདི་དག་ལོ་རྒྱུས་བུ་སྟོན་ཆོས་འབྱུང་དང་ཆོས་འབྱུང་མཁས་པའི་དགའ་སྟོན་དང་རྗེ་ཤེས་རབ་རྒྱ་མཚོའི་ལམ་རིམ་གྱི་ཞལ་ལུང་༡༠བ༡ན་ཟུར་ཙམ་གསལ།
|