25

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀ་ཎི
Tibetan Definition (ལེགས་སྦྱར) མཁས་པ་མང་པོས་མཆོད་རྟེན་གྱི་མིང་ཡིན་པར་བཤད། ཀ་ཎི་ཞེས་པའི་སྐོར་ལ། དགེ་བཤེས་ (ཁུ་ནུ་བླ་མ) བསྟན་འཛིན་རྒྱལ་མཚན་རིན་པོ་ཆེས་སྔར་མཆོད་རྟེན་ནས་སྒོ་ལམ་ཡོད་པ་དེ་ཚོའི་ཡས་སྒོ་ལ་མི་འཁྲུགས་པའི་དཀྱིལ་འཁོར་དང་། གཟུངས་སྔགས་ཀཾ་ཀ་ནི་བྲིས་ཡོད་པ་དག་ལས། ཕྱིས་མཆོད་རྟེན་སྒོ་ལམ་ཡོད་པ་ཚང་མར་མིང་དེ་འཇགས་པ་མིན་ནམ་གསུངས་པ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་རྒྱ་གར་བས་མཆོད་རྟེན་རྣམས་ལ་ཀ་ཎི་ཟེར་བ་རེད་ཅེས་གསུངས། ཞེས་ཞྭ་སྒབ་པའི་རྒྱལ་རབས་ན་གསལ་བ་ལྟར་རོ། །