2502

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས
Tibetan Definition <ཤྲ་བ་ཀ> 1 སངས་རྒྱས་ཀྱི་འཁོར་ཞིག་སྟེ། སློབ་མ་ཞེས་ཀྱང་བྱ། ཡང་དག་པའི་གདམས་ངག་གཞན་ལས་ཉན་ནས་བསྒོམས་པའི་འབྲས་བུ་ཉན་ཐོས་བྱང་ཆུབ་ཐོབ་པ་ན། དོན་དེ་གཞན་ལ་ཐོས་པར་བྱེད་པས་ན་ཉན་ཐོས་ཏེ། ཡང་ན་ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀ་ནི་ཐོས་སྒྲོག་ལའང་འཇུག་པ་ལྟར་ན། འབྲས་བུ་མཆོག་གམ་སངས་རྒྱས་སུ་བགྲོད་པའི་ལམ། སངས་རྒྱས་རྣམས་ལ་ཐོས་ནས་ཐེག་པ་ཆེན་པོའི་རིགས་ཅན་ལམ་དེ་དོན་དུ་གཉེར་བ་རྣམས་ལ་སྒྲོག་པར་བྱེད་པས་ན་ཉན་ཐོས་སོ། །2 གུས་པས་ཉན་པ་སྟེ། སློབ་མའི་མིང་ངོ་། །དཔེར་ན་སངས་རྒྱས་ཀྱི་སློབ་མ་ལ། སངས་རྒྱས་ཀྱི་ཉན་ཐོས་ཞེས་པ་ལྟ་བུའོ། །