2503

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉན་ཐོས་རྩ་བའི་སྡེ་པ་བཞི
Tibetan Definition (འདུལ་བ) ཉན་ཐོས་སྡེ་པ་ལ་དབྱེ་ན། རྩ་བའི་སྡེ་བཞི་ཡོད་དེ། ༡ ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ༢ དགེ་འདུན་ཕལ་ཆེན་སྡེ་པ། ༣ གནས་བརྟན་སྡེ་པ། ༤ མང་བཀུར་སྡེ་པ་དང་བཞིའོ། །ཐམས་ཅད་ཡོད་པར་སྨྲ་བ། Sarvāsti-vādin, Proponents of the Existence of Everything, (ས་པཎ་གྱི་སྐྱེས་བུ་དམ་པ་རྣམས་ལ་སྤྲིང་བའི་ཡི་གེ་ཞེས་བྱ་བ་༢བ༣ལས། བོད་དུ་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་མིན་པ་མ་བསྒྱུར། ཞེས་འབྱུང་། སངས་རྒྱས་ཞལ་བཞུགས་པའི་དུས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཅིག་པུ་ཡོད་པ་ལ། ཕྱིས་སུ་སྡེ་པ་བཞིར་གྱེས། ཞེས་རིགས་པའི་དབང་ཕྱུག་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གསུངས་ཀྱང་དཔྱད་དོ། །བོད་ཀྱི་སོ་ཐར་གྱི་སྡོམ་རྒྱུན་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཁོ་ན་ཡིན་པར། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་དུ་གསལ་ལོ) དགེ་འདུན་ཕལ་ཆེན་པ། Mahasāmghika, the great Assembly Schoo གནས་བརྟན་པ། (སྠ་བི་རཿ) Sthavira, གནས་བརྟན་སྡེ་པ་དང་། (ཐེ་ར་བཱ་ད་थेरवाद theravāda ཞེས་པ་ནི་པཱ་ལིའི་སྐད་ཡིན་ལ། ལེགས་སྦྱར་དུ་སྠ་བི་ར་ཝཱ་ད་ स्थविरवाद sthaviradā ཟེར། Pāli:थेरवाद theravāda, Sanskrit: स्थविरवाद sthaviradā; literally, the Teaching of the Elders) མང་བཀུར་སྡེ་པ། (Samnitiya)