251

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀོ་ཀོ་ནོར
Tibetan Definition (སོག་སྐད) བོད་སྐད་དུ་མཚོ་སྔོན་པོའམ། མཚོ་ཁྲི་ཤོར་རྒྱལ་མོ་ཡང་ཟེར། ཀོ་ཀོ་ནོར་ཞེས་པ་སོག་སྐད་ཡིན་པར་བོད་ཀྱི་ཡིག་ཆ་རྣམས་ལ་བལྟས་ན་ཤེས་ནུས་ཤིང་། ཨ་རིའི་ཚིག་མཛོད་ཆེན་མོ་ (Encyclopedia Americana  2001) ཞེས་པའི་ནང་འདི་སོག་སྐད་ཡིན་པར་བཤད་འདུག རྒྱའི་སྐད་དུ་འདི་ལ་ཆིང་ག་ཡི་ (Qinghai or Chinghi) ཟེར་ཞིང་དེའི་དོན་ནི་གནམ་མདོག་སྔོན་པོ་རེད་ཅེས་གསལ། ཀོ་ཀོ་ཞེས་པ་སོག་སྐད་ལ་སྔོན་པོའི་མིང་ཡིན་པར་སྙམ། བོད་པས་འདི་ལ་ཀུན་དགའ་ནོར་ ཞེས་འབོད་མཁན་ཡང་འདུག་པ་འདི་ལྟར། མཚོ་སྔོན་ལ་ཀུན་དགའ་ནོར་ཞེས་དུང་དཀར་ཚིག་མཛོད་༦༨༠ན་གསལ།