2514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉམ་ང་བ་མེད་པ
Tibetan Definition འཇིགས་པའམ་ཉེན་ཁ་དང་བྲལ་བ། འཇིགས་སྐྲག་མེད་པ། འཇིགས་པ་མེད་པའི་གནས་སུ་སླེབས་པ། འཇིགས་པ་ནས་བྲལ་ནས་བློ་བདེ་བག་ཕེབས་སུ་གྱུར་པ་བཅས་ཀྱི་དོན། མྱ་ངན་ལས་འདས་པ་ཆེན་པོའི་མདོ་༼ ཐ ༽༧༥ན༥ལས། ཉམ་ང་བ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་གྲུ་ཆག་པ་ལས་གྲུ་གཞན་ཞིག་རྙེད་དེ་རྒྱ་མཚོ་ཆེན་པོ་ལས་ངེས་པར་བརྒལ་ནས་ཉམ་ང་བ་མེད་ཅིང་བདེ་བར་གྱུར་པ་དེ་བཞིན་དུ་ཐར་པ་ནི་ཉམ་ང་བ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །