From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉམས་སྣང
|
Tibetan Definition
|
འཆར་གཞི་དང་ལྡན་པའི་སྒོ་ནས་བྱུང་བ་མིན་པར་དད་སོགས་ཀྱི་ཤུགས་ལ་བརྟེན་ནས་གློ་བུར་དུ་བྱུང་བའི་ཚོར་སྣང་ངམ་མཐོང་སྣང་ཞིག མཁས་གྲུབ་ཆོས་རྗེས་མཛད་པའི་རྗེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས། ཉམས་སྣང་ལ་གཏད་ས་མེད་ལས་ཆེ་དགོངས་པས་རྗེ་བཙུན་གྱིས་སྔར་བཞིན། ཉམས་སྣང་རང་དགའ་བ་མིན་པས་གསོལ་བ་དྲག་པོ་ཐོབ། ཅེས་འབྱུང་བ་བཞིན་ནོ། །རྗེའི་སྔགས་རིམ་ཆེན་མོ་ལས་ཀྱང་། སྣང་བ་དང་ང་རྒྱལ་གཉིས་ཀ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསྐྱངས་པས་རིམ་གྱིས་སྐྱེས་པ་དགོས་ཀྱི། ཉམས་ལ་བརྟེན་ནས་གློ་བུར་དུ་བྱུང་བ་ལ་ཡིད་བརྟན་མི་བྱ་སྟེ། ཞེས་གསུངས་སོ། །
|