From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉི་ཐང་བླ་མ་ཐོར་རྒོད་འཇམ་དབྱངས་ཤེས་རབ་སྦྱིན་པའི་གསུང་འབུམ་དཀར་ཆག
|
Tibetan Definition
|
འདིའི་ཡིག་ཆ་རྣམས་འཐོར་རྐྱེན་ཆེ་བས་ཕྱོགས་གཅིག་ཏུ་བསྡུས་ཏེ་པོ་ཏི་གསུམ་བཅས་ཀྱི་ཀ་པའི་དཀར་ཆག་ནི། ༼ ཀ་པ ༽ལ་ཕར་ཕྱིན་བྱམས་གཞུང་སོགས་ལ་ཉེར་གཅིག ༼ ཁ་པ ༽ལ་ཉན་ཐོས་ཞི་འཚོལ་མ་སོགས་ལ་ཉེར་གསུམ། ༼ ག་པ ༽ལ་ཆོས་འཁོར་སོགས་ལ་ཉེར་བདུན། ༼ ང་པ ༽ལ་ཡང་དག་མཐའ་སོགས་ལ་ཉེར་བདུན། ཡང་དོན་བདུན་ཅུ་ལ་ལྔ། ༼ཅ་པ༽ལ་སྐབས་དང་པོའི་མཐའ་དཔྱོད་རྒྱས་པ་ལ་ང་གཉིས། ༼ ཆ་པ ༽ལ་སྐབས་གཉིས་པའི་མཐའ་དཔྱོད་རྒྱས་པ་ལ་ཞེ་བདུན། ༼ ཇ་པ ༽ལ་སྐབས་དང་པོའི་རྩ་ཊཱིཀ་ལ་ཉེར་དགུ། ༼ཉ་པ༽ལ་ཕར་ཕྱིན་སྐབས་གཉིས་པ་གསུམ་པ་བཞི་པ་ལྔ་པ་དྲུག་པ་བདུན་པ་བརྒྱད་པ་བཅས་ཀྱི་རྩ་ཊཱིཀ་ལ་དྲུག་ཅུ་རེ་གཉིས། ཁྱོན་བསྒྲིལ་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ། ༼ ཁ་པའི་དཀར་ཆག་ནི ༽༼ ཀ་པ ༽ལ་ཉི་ཐང་བླ་མ་འཇམ་དབྱངས་ཤེས་རབ་སྦྱིན་པའི་ཤེར་ཕྱོགས་ཀྱི་བསྟན་པ་འབྱུང་ཚུལ་ལ་བཞི་བཅུ། ༼ ཁ་པ ༽ལ་འདུལ་བའི་དུས་ཚིགས་འགྲན་ཟླ་དང་བྲལ་བ་ལ་ཞེ་བརྒྱད། ༼ ག་པ ༽ལ་དབུ་མའི་བདེན་གཉིས་ལ་བཅུ་དགུ། ༼ ང་པ ༽ལ་དབུ་མའི་ཚད་འགོག་ལ་ཞེ་དྲུག་ཅ་པ་ལ་དབུ་མའི་བདག་འགོག་ལ་ཉེར་གཉིས། ༼ ཆ་པ ༽ལ་དབུ་མའི་ཆུ་འབབས་ལ་ཉེར་བདུན། ༼ ཇ་པ ༽ལ་ཚད་མ་རྣམ་འགྲེལ་མདོར་བསྡུས་ལ་ཉེར་ལྔ། ༼ ཉ་པ ༽ལ་ཚད་མ་དང་གཞན་སེལ་གྱི་རྣམ་གཞག་ལ་ཉེར་གསུམ། ༼ ཏ་པ ༽ལ་བསྡུས་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མ་ལ་ཞེ་གཅིག་བཅས་ཁྱོན་བསྡོམས་ཉིས་བརྒྱ་དང་ཞེ་དྲུག་བཞུགས། ༼ ག་པའི་དཀར་ཆག་ནི ༽ ༼ ཀ་པ ༽ལ་མཛོད་གནས་དང་པོ་ལ་སུམ་ཅུ་སོ་བདུན། ༼ ཁ་པ ༽ལ་མཛོད་གནས་གཉིས་པ་ལ་བཞི་བཅུ་ཞེ་དྲུག་ག་པ་ལ་མཛོད་གནས་གསུམ་པ་ལ་བཞི་བཅུ་ཞེ་དྲུག ༼ ང་པ ༽ལ་མཛོད་གནས་བཞི་པ་ལ་ལྔ་བཅུ་ང་དགུ། ༼ ཅ་པ ༽ལ་མཛོད་གནས་ལྔ་པ་ལ་ཉེར་དགུ། ༼ ཆ་པ ༽ལ་མཛོད་གནས་དྲུག་པ་ལ་བཞི་བཅུ་ཞེ་གསུམ་བཅས་ཁྱོན་བསྒྲིལ་ཉིས་བརྒྱ་དང་དྲུག་ཅུ་བཞུགས། སོག་པོ་ཐོར་རྒོད་ཀྱི་གྲྭ་རིགས་འདི་ལ་ཤེས་འདོད་ཆེ་བས་མ་དཔེ་གཡར། ཞེས་ཀློང་རྡོལ་བླ་མའི་གསུང་ལྟར་བཀོད།
|