From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉི་མའི་གཉེན
|
Tibetan Definition
|
གྲུ་འཛིན་དུ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བ་ཅན་གྱི་བུ་གཽ་ཏམ་དང༌། བྷ་ར་དྷཱ་ཛ་གཉིས་ལས། སྔོན་མས་རབ་ཏུ་བྱུང་སྟེ་ལོ་མའི་སྤྱིལ་བུ་ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་བུར་གནས་པའི་ཚེ། གཡོན་ཅན་པད་མའི་རྩ་ལག་དང་བཟང་མོ་དགའ་དགུར་སྤྱོད་པའི་དུས་ལས་ཡོལ་བས། བཟང་མོ་བསད་པའི་རལ་གྲི་ཁྲག་ཅན་ལོ་མའི་སྤྱིལ་བུའི་ཉེ་འདབས་སུ་བསྐྱོན་པའི་དུས། དྲང་སྲོང་མདོག་ནག་གི་རྫུ་འཕྲུལ་གྱི་གྲུ་ཆར་གྱི་ཐིག་པ་དང༌། དྲི་བཞོན་ལུས་ལ་རེག་པའི་རྐྱེན་གྱིས་འདོད་པའི་གནས་རྗེས་སུ་དྲན་པའི་ཡིད་ཀྱི་ཤིང་རྟས་དྲངས་ཏེ། ཁམས་ཀྱི་དྭངས་མ་གཉིས་ལྷན་ཅིག་ཏུ་ལྷུངས་པ་ལས་སྒོ་ང་གཉིས་སུ་གྱུར་པ་ཉི་འོད་ཀྱིས་བསྐྱངས་ཤིང་ཁྱིའུ་གཉིས་བུ་རམ་གྱི་ཤིང་གསེབ་ཏུ་ཞུགས་པས་མིང་དེ་ལྟར་གྲགས་སོ། །
|