2550
Jump to navigation
Jump to search
ཉི་ཚེ་བའི་ཐེག་པ | |
Tibetan Definition | ཐེག་པ་ཆུང་ངུ་དང་དོན་གཅིག སྒྲ་བཤད་ནི། ཉམས་ལེན་གྱི་དུས་སུ་རྒྱུ་ཚོགས་མཐའ་ཡས་པ་ལ་མི་སློབ་པར་ཉི་ཚེ་བའམ་ཕྱོགས་རེ་བ་ཙམ་ལ་སློབ་པས་དེ་སྐད་ཅེས་བྱའོ། །རྗེའི་ལམ་རིམ་ཆེན་མོ་ལས། ཐེག་པ་ཆེ་ཆུང་ཡང་ཉམས་ལེན་གྱི་དུས་སུ་ཚོགས་མཐའ་ཡས་པ་ལ་སློབ་མི་སློབ་ཉིད་ཡིན་ཏེ། ཉི་ཚེ་བའི་ཐེག་པ་དང་ཐེག་པ་ཆུང་ངུ་གཉིས་མིང་གི་རྣམས་གྲངས་ཡིན་ལ་ཉི་ཚེ་བའི་དོན་ནི་ཕྱོགས་རེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། ། |
---|