From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉི་ཚེ་བའི་དམྱལ་བ
|
Tibetan Definition
|
ཚ་དམྱལ་དང་གྲང་དམྱལ་གྱི་ཉེ་འཁོར་ན་ཡོད་ཅིང་མིའི་ཡུལ་ནའང་ཡོད་པར་སའི་དངོས་གཞིར་གསུངས་ཤིང༌། མཚོ་ཆེན་པོའི་འགྲམ་དང་ཉེ་བ་ན་ཡོད་པར་ཡང་ལུང་གཞི་ལས་གསུངས་ཏེ། དགེ་འདུན་སྲུངས་ (འདུལ་བ་ལུང་གཞི་༼ ཀ་པ ༽༡༠༠བ༣ན་འདི་ལ་དགེ་འདུན་འཚོ་ཞེས་གསུངས) ཀྱི་རྟོགས་བརྗོད་ལས་འབྱུང་བ་བཞིན་ནོ། །ཞེས་དང༌། གནས་ནི་ངེས་པ་མེད་དེ། ཆུ་བོ་དང་རི་དང་མྱ་ངམ་གྱི་ཕྱོགས་དང་གཞན་དག་དང་འོག་ནའང་ཡོད་པའི་ཕྱིར་རོ། །ཞེས་རྗེའི་ལམ་རིམ་ལས་གསུངས་སོ། །དེ་དག་གི་རྣམ་པའི་བྱེ་བྲག་ནི། གཏུན་ཤིང་གི་རྣམ་པ། ཕྱགས་མའི་རྣམ་པ། ཀ་བའི་རྣམ་པ། རྩིག་པའི་རྣམ་པ། ཕྲུ་ཆེན་ལ་སོགས་པའི་རྣམ་པ་མཐའ་ཡས་པ་ཡོད་པར་བཤད་དོ། །ལུང་ཀོ་ལྤགས་ཀྱི་གཞི་མཆིམས་མཛོད་དྲངས་པ་ལས་ཀྱང་། ཉིན་པར་གཞན་གྱི་སྲོག་གཅོད་ཅིང༌། །ནུབ་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང༌། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྡུག་བསྔལ་རྒྱུན་མི་འཆད་དུ་མི་མྱོང་བར་དུས་ཉི་ཚེ་བ་སྟེ་སྐབས་འགར་མྱོང་བས་ན་དེ་སྐད་ཅེས་བྱའོ། །
|