2554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉི་ཟླ་གཡུང་དྲུང་གསུམ་གྱི་མཚོན་དོན
Tibetan Definition བོད་ཀྱི་ལུགས་སྲོལ་ལ་ལོ་གསར་སོགས་སུ་ཁྱིམ་གྱི་རྩིག་ངོས་སུ་ཉི་ཟླ་གཡུང་དྲུང་གསུམ་འབྲི་བའི་སྲོལ་ཡོད་པ་དེའི་མཚོན་དོན་གང་ཡིན་ཞེ་ན། གཡང་སྒྲུབ་ལས། ཚེ་ཡི་ཉི་མ་མི་ནུབ་རབ་ཏུ་གསལ། །བསོད་ནམས་ཟླ་བ་ཡར་ངོའི་ཟླ་ལྟར་འཕེལ། །རིགས་རྒྱུད་མི་འགྱུར་ (མི་འགྱུར་ནི་འགྱུར་བ་མེད་པ་སྟེ་རིགས་རྒྱུད་འཛིན་པའི་བུ་ཕྲུག་རྒྱུན་མི་ཆད་པར་འབྱུང་བའི་དོན་ནོ) གཡུང་དྲུང་ལྟར་བརྟན་པ། །ཞེས་གསུངས་པ་ལྟར། རབ་ཏུ་གསལ་བའི་ཉི་མས། ཚེ་རིང་བ། ཚེས་པའི་ཟླ་བས། བསོད་ནམས་འཕེལ་བ། གཡུང་དྲུང་གིས། རིགས་རྒྱུད་མི་ཆད་པ་མཚོན་པ་བཅས་སོ། །རི་མོ་དེ་དག་བྲིས་ན། ཚེ་རིང་བ་དང་། བསོད་ནམས་འཕེལ་བ། རིགས་རྒྱུད་མི་ཆད་པ་བཅས་ཀྱི་རྟེན་འབྲེལ་ཡོད་དོ། །