From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད
|
Tibetan Definition
|
(འདུལ་བ) འབའ་ཞིག་པ་དགུ་བཅུའི་དོན་གཉིས་པ། ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པར་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་མོའུ་འགལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་རྒྱུད་ཆུད་ཟོས་པར་འགྱུར་བའོ། །
|