From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཉིན་མཚན་གྱི་ཆ་ཉེར་གཉིས
|
Tibetan Definition
|
(འདུལ་བ) ལུང་གཞི་ལས་གསུངས་པའི་ཉིན་མཚན་གྱི་ཆ་ཉེར་གཉིས་ནི། སྔ་དྲོ། གུང་། ཕྱི་དྲོ། མཚན་མོའི་ཐུན་དང་པོ། ཐུན་དང་པོའི་ཕྱེད། གུང་ཐུན། གུང་ཐུན་གྱི་ཕྱེད། ཐུན་ཐ་མ། ཐུན་ཐ་མའི་ཕྱེད། སྐྱ་རེངས་མ་ཤར་བ། སྐྱ་རེངས་ཤར་བ། ཉི་མ་མ་ཤར་བ་དང་། ཉི་མ་ཤར་བ། ཉི་མ་བརྒྱད་ཆ་ཤར་བ། ཉི་མ་བཞི་ཆ་ཤར་བ། གུང་ཚིགས་མ་ཡོལ་བ། ཉི་མ་བཞི་ཆ་ལུས་པ། ཉི་མ་བརྒྱད་ཆ་ལུས་པ། ཉི་མ་མ་ནུབ། ཉི་མ་ནུབ་པ། རྒྱུ་སྐར་མ་ཤར་བ། རྒྱུ་སྐར་ཤར་བ་སྟེ་ཉི་ཤུ་རྩ་གཉིས་གསུངས་སོ། །མཚོ་ཊཱིཀ་སྟོད་ཆ་ལས་གསུངས་པ་ལྟར་བཀོད་དོ། །
|