2599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་དུ
Tibetan Definition (འདུལ་བ) 1 རང་གི་ཕ་མ་ནས་བརྩིས་པའི་མི་རབས་བདུན་ཚུན་ཆད་ཀྱི་རིགས་རུས་དང་འབྲེལ་བ་ཡོད་པའི་མི་ལ། ཉེ་དུ་ཟེར། མདོར་བསྡུས་ཏེ་བཤད་ན། བདུན་ཚིགས་སམ་བདུན་བརྒྱུད་ཚུན་ཆད་ལ་ཉེ་དུ་ཟེར། དཔེར་ན་རང་གི་ཕ་མ་གཉིས་པོ་ཚིགས་དང་པོ། ཨ་ཁུ་དང་ཨ་ཞང་ལྟ་བུ་ཚིགས་གཉིས་པ། ཚ་བོ་ཚ་མོ་ལྟ་བུ་ཚིགས་གསུམ་པ་ཡིན་པ་ལྟ་བུའོ། །2 རང་གི་ཕ་མའི་ཕ་མ་ནས་བརྩིས་པའི་མི་རབས་བདུན་ཚུན་ཆད་ཀྱི་རིགས་རུས་དང་འབྲེལ་བ་ཡོད་པའི་མི་ལ། ཉེ་དུ་ཟེར། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༢༢༨ན ༣ལས། ཕྱི་མོ་དང་། མེས་པོ་དང་། ཕྲུགས་ལ་བརྟེན་པའི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། ཞེས་གསུངས་པ་ལྟར་རོ། །