2610

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་བར
Tibetan Definition (ཚིག་རྒྱན) 1 ཐག་ཉེ་པོར། ཐག་ཉེ་པོ་ལ། རང་དང་ཉེ་བར་འཇོག་ཅེས་པ་ལྟ་བུ། 2 ཡང་དག་པར། ལེགས་པར། རྫོགས་པར། དཔེར་ན་སྡུག་བསྔལ་ཉེ་བར་ཞི་བ་ཞེས་པ་ལྟ་བུ། གཞན་ཡང་། སྔགས་རིམ་ཆེན་མོ་ལས། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེས་ཉེ་བར་བསྟན་པ་དང་། དེ་ལ་ཚུལ་བཞིན་དུ་སློབ་པ་རྣམས། ཞེས་པ་ལྟ་བུ། གཞན་ཡང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ། །ཞེས་པ་ལྟ་བུ་རྣམས་སོ། །3 ངེས་པར་རམ་འཕྲལ་དུ། ཉེ་བར་མཁོ་བ་ཞེས་པ་ལྟ་བུ། 4 ཡང་ཡང་ཞེས་པའི་དོན་ལའང་འཇུག་སྟེ། ཉེ་བར་ལེན་པ། དྲན་པ་ཉེ་བར་འཇོག་ཅེས་པ་ལྟ་བུ།