2617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་ཚིག
Tibetan Definition (འདུལ་བ) བསླབ་པ་རྒན་པ་ལ་འབོད་པའི་གུས་ཞབས་ཀྱི་ཚིག་ཅིག དཔེར་ན་བསླབ་པ་རྒན་པ་ལ་བཙུན་པ་ཞེས་བརྗོད་པ་བཞིན་ནོ། །སློབ་དཔོན་རྒྱལ་པོའི་སྲས་ཀྱི་མངོན་པ་མཛོད་ཀྱི་འགྲེལ་བཤད་དོན་གསལ་བ་༣ན༥ལས། བཅོམ་ལྡན་འདས་ཞེས་བྱ་བ་ཚིག་གཉིས་པ་སྨོས་པ་ནི་མ་གུས་པར་དོགས་པ་བཟློག་པའི་ཕྱིར་ཏེ། འཇིག་རྟེན་ན་མངོན་པར་བརྗོད་པ་ཉེ་བའི་ཚིག་མེད་པ་རྣམས་ནི་མ་གུས་པར་སྣང་སྟེ། ལྷ་སྦྱིན་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། བློ་ཉེ་བའམ་གཅེས་པའི་ཚིག་ཡིན་པས་དེ་སྐད་ཅེས་བྱའོ། །