2619

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་འཁོར་བའི་དམྱལ་བ
Tibetan Definition ༡ མེ་མ་མུར་གྱི་འོབས། ༢ རོ་མྱགས་ཀྱི་འདམ། ༣ མཚོན་ཆའི་དམྱལ་བ། འདི་ལ་ཡོངས་གྲགས་སུ་སྤུ་གྲིའི་ལམ་སོགས་ཟེར། (སོགས་ཁོངས་ཀྱིས་བསྡུས་པ་རལ་གྲི་ལོ་མས་ནགས་ཚལ་དང་། ཤལ་མ་ལིའི་ཚལ་གཉིས་ཡོད། འདི་དག་མཚོན་ཆས་གནོད་པ་འདྲ་བས་གཅིག་ཏུ་བགྲང་ངོ) ༤ ཆུ་ཀླུང་རབ་མེད་དང་བཞིའོ། །དེ་དག་ཚ་དམྱལ་བརྒྱད་པོའི་ཉེ་འཁོར་དུ་ཡོད་པས་ཉེ་འཁོར་བའི་དམྱལ་བ་ཞེས་བྱའོ། །དེ་ཡང་ལམ་རིམ་ཆེ་ཆུང་དུ། དམྱལ་བ་བརྒྱད་པོ་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་སྒོ་བཞི་བཞི་ཡོད་ལ། དེ་དག་གི་ཕྱི་རོལ་ཏུ་ནི་ལྕགས་ཀྱི་རྭ་བས་བསྐོར་ཞིང་རྭ་བ་དེ་ལ་ཡང་སྒོ་བཞི་བཞི་ཡོད་དོ། །སྒོ་དེ་རེ་རེ་ན་སེམས་ཅན་དམྱལ་བ་ལྷག་པ་བཞི་བཞི་ཡོད་དེ། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ་མམ་ཕྱི་ས་སྟེ་རྐྱག་པའི་འདམ་རོ་ལྟར་མནམ་པ། སྤུ་གྲིའི་ལམ་སོགས་དང་། ཆུ་ཀླུང་རབ་མེད་དོ། །ཞེས་གསུངས། མཛོད་དུ་ལྷག་པའི་དམྱལ་བ་བཅུ་དྲུག་ཟེར་བ་དང་། ཉེ་འཁོར་བའི་དམྱལ་བ་དོན་གཅིག་ཡིན།