2623

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེ་རྒྱལ
Tibetan Definition <ཨུ་པ་ཏིཥྱཿ> (འདུལ་བ) ཤཱ་རིའི་བུ་མུ་སྟེགས་པ་ཡིན་པའི་སྐབས་ཀྱི་མིང་ཡིན། ཕ་བྲམ་ཟེ་སྐར་རྒྱལ་དང་། མ་ཤཱ་རི་ཀ་གཉིས་ཀྱི་བུ། ཉེ་རྒྱལ་ཞེས་པ་ཕའི་མིང་ལས་དྲས་ཏེ་བཏགས་པ་དང་། ཤཱ་རིའི་བུ་ཞེས་པ་མའི་མིང་ལས་དྲས་ཏེ་བཏགས་སོ། །འདིའི་སྐོར་འདུལ་བ་ལུང་གཞི་གླེགས་བམ་༼ ཀ་པར ༽བཞུགས་སོ། །འདི་དང་པང་ནས་སྐྱེས་གཉིས་ (འདི་མོའུ་གལ་གྱི་བུའི་མུ་སྟེགས་པ་ཡིན་པའི་སྐབས་མིང་ཡིན) འཕགས་པ་རྟ་ཐུལ་གྱི་སློབ་མ་ཡིན། འདི་དང་པང་ནས་སྐྱེས་གཉིས་ལ་ལོ་རྒྱུས་སྙན་པོ་ཞིག་ཡོད་པ་འདི་ལྟར། དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་༣༩༣ལས། ཉེ་རྒྱལ་བཞིན། ཞེས་པ། སྔོན་འཕགས་པ་རྟ་ཐུལ་དང་། སངས་རྒྱས་གཉིས་སྟབས་གཅིག་ན་བཞུགས་པ་ལ། འཕགས་པ་རྟ་ཐུལ་གྱི་སློབ་མ་བྲམ་ཟེ་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་ཀྱིས་ཁོང་གི་སྤྱན་སྔར་འོངས་ཏེ། སྔོན་ལ་སངས་རྒྱས་ལ་ཕྱག་བྱ་སྙམ་པས། སངས་རྒྱས་ཀྱི་ཞལ་ནས། གང་ལ་ཆོས་ནི་ཐོས་གྱུར་པ། །དེ་ལ་དང་པོ་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་བྲམ་ཟེ་བཞིན། །གསུངས་ནས་སྔོན་ལ་འཕགས་པ་རྟ་ཐུལ་ལ་ཕྱག་གྱིས་གསུངས། དེ་བཞིན་དུ། འོ་སྐོལ་གྱིས་ཀྱང་། ཕྱག་དང་མཆོད་པ་གང་བྱེད་ཀྱང་། སྔོན་ལ་བླ་མ་ལ་བྱེད་པ་ཡིན། མཆོད་པ་རྣམས་ཀྱི་ཐོག་མར་ནི། །བླ་མ་མཆོད་པ་རབ་ཏུ་བརྩམ། །དེ་མཉེས་པ་ལས་དངོས་གྲུབ་ནི། །ཡེ་ཤེས་དམ་པའང་ཐོབ་པར་འགྱུར། །ཞེས་སོ། །དེས་ན་བསོད་ནམས་ཀྱི་ཞིང་གི་ནང་ནས་བླ་མ་ཁོ་ན་དག་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་བསོད་ནམས་བས། བླ་མའི་བ་སྤུའི་ཁུང་གཅིག་མཆོག ཅེས་སོ། །ཞེས་གསུངས་སོ། །