2628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་བསྡོགས
Tibetan Definition <སམནྟཀཿ> 1 སྟ་གོན། གྲ་སྒྲིག གྲབས་བྱེད་པ་ལ་ཟེར། ལི་གུར་སོགས་གཞུང་མང་པོར་གསུངས། སྒྲ་བཤད་ནི། རང་གི་འབྲས་བུ་དང་ཉེ་བར་གནས་ཤིང་དེའི་རྒྱུ་ཚོགས་སྡུད་པའི་སྐབས་ཡིན་པས། ཉེར་བསྡོགས་སོ། །དེ་ཡང་ཉེར་ནི་ཉེ་བར། བསྡོགས་ནི་ཐག་པ་བསྡོགས་ཞེས་པ་ལྟར་སྡུད་པའི་དོན་ནོ། །ལེགས་སྦྱར་གྱི་སྐད་དོད་དང་མཐུན་པའི་ངེས་ཚིག་ནི། འབྲས་བུ་དང་ཉེ་བར་འབྱུང་བའམ་གནས་པས་ན་ཉེར་བསྡོགས་སོ། །དེ་ཡང་ཉེར་བསྡོགས་ཀྱི་སྐད་དོད་སམནྟཀཿ ཞེས་པ་སམནྟ་ནི་ཉེ་བ། བྷ་བ་ནི་འབྱུང་བའམ་གནས་པའོ། །སྒྲ་སྦྱོར་བམ་གཉིས་༡༤༦བ༢ལས། སམནྟཀ་ཞེས་བྱ་བ་སམནྟ་བྷ་བ་ཏྭཱཏྶནྟཀ་ཞེས་བྱ་སྟེ། སམནྟ་ནི་ཉེ་བ། བྷ་བ་ནི་འབྱུང་བའམ་གནས་པ་ལྟ་བུ་ལ་བྱ་སྟེ། ཞེས་གསུངས་སོ། །2 བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞི་སྒྲུབ་བྱེད་ཀྱི་ཐབས་སུ་གྱུར་པའི་སེམས་ཤིག་ལ་ཟེར། བསམ་གཏན་གྱི་ཉེར་བསྡོགས་ལྟ་བུ།