2633

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་འཚོའི་གཞི
Tibetan Definition སྲོག་འཚོ་བའི་ཆ་རྐྱེན། ལོངས་སྤྱོད་པའི་རྒྱུ། བཻ་རོ་ཙ་ན་རཀྵི་ཏའི་སྤྱོད་འཇུག་དཀའ་འགྲེལ་ལས། ཉེར་འཚོ་སྟེ། ལོངས་སྤྱོད་པའི་རྒྱུར་གྱུར་ཅིག་པའོ། །ཞེས་གསུངས་སོ། །སྤྱོད་འཇུག་ལས། དཔག་བསམ་གྱི་ནི་ཤིང་དག་དང༌། །ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར། །ས་སོགས་འབྱུང་བ་ཆེན་པོ་དང༌། །ནམ་མཁའ་བཞིན་དུ་རྟག་པར་ཡང༌། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་གསུངས་པ་ལྟར་རོ། །