2636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེར་ལེན་གྱི་ཕུང་པོ
Tibetan Definition ཟག་པ་དང་བཅས་པའི་སོ་སྐྱེའི་ཕུང་པོ། སྒྲ་བཤད་ནི། སྐྱེ་སྲིད་ཕྱི་མའི་ཕུང་པོ་དོན་དུ་གཉེར་བའི་འདོད་ཆགས་ནི་ཉེར་ལེན་ཡིན་ལ། དེ་ལས་བྱུང་བའི་ཕུང་པོ་ལ་ཉེར་བར་ལེན་པའི་ཕུང་པོ་ཞེས་བྱ་སྟེ། དཔེར་ན་རྩ་ལས་བྱུང་བའི་མེ་ལ་རྩའི་མེ་ཞེས་བརྗོད་པ་བཞིན་ནོ། །ཡང་ན་ཉེ་བར་ལེན་པ་ཉོན་མོངས་པ་ལ་རག་ལས་པའི་ཕུང་པོ་ཡིན་པའི་ཕྱིར། དཔེར་ན་རྒྱལ་པོ་ལ་རག་ལས་པའི་མི་ལ་རྒྱལ་པོའི་མི་ཞེས་བརྗོད་པ་བཞིན་ནོ། །ཡང་ན་ཁྱོད་ལས་ཉེ་བར་ལེན་པ་ཉོན་མོངས་པ་འབྱུང་བའི་ཕུང་པོ་ཡིན་པའི་ཕྱིར། དཔེར་ན་སྨན་དང་མེ་ཏོག་འབྱུང་བའི་ཤིང་ལ་སྨན་དང་མེ་ཏོག་གི་ཤིང་ཞེས་པ་བཞིན་ནོ། །དབྱིག་གཉེན་གྱི་མཛོད་རང་འགྲེལ་དང༌། རྒྱལ་ཚབ་ཆོས་རྗེའི་གསུང་ལ་གཞི་བྱས།