2647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉེས་མེད་ཕུན་ཚོགས
Tibetan Definition (འདུལ་བ) བསླབ་ཚིགས་སྔ་མ་སྔ་མ་སྔོན་དུ་སོང་ནས་སྡོམ་པ་རྣམས་རིམ་གྱིས་བླངས་ཏེ་ཆ་ཚང་བར་ཐོབ་པ་ལ། ཉེས་མེད་ཕུན་ཚོགས་ཟེར། དཔེར་ན་སྐྱེས་པ་བསྙེན་པར་རྫོགས་པ་ཡིན་ན། དང་པོ་དགེ་བསྙེན། དེ་ནས་བར་མ་རབ་བྱུང༌། དེ་ནས་དགེ་ཚུལ། མཐར་དགེ་སློང་གི་སྡོམ་པ་རྣམས་རིམ་གྱིས་བླང་དགོས་པ་ལྟ་བུ་དང་། བུད་མེད་ཡིན་ན། དགེ་བསྙེན། བར་མ་རབ་བྱུང་མ། དགེ་ཚུལ་མ། དགེ་སློབ་མ། ཚངས་སྤྱོད་ལ་ཉེར་གནས་མ། མཐར་དགེ་སློང་མའི་སྡོམ་པ་རྣམས་རིམ་གྱིས་བླང་དགོས་པ་ལྟ་བུ་ལ་ཟེར་རོ། །སེ་ར་རྗེ་བཙུན་པའི་འདུལ་བ་ལ་གཞི་བྱས།