2658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཉོན་མོངས་ངོས་བཟུང་བ
Tibetan Definition ཉོན་མོངས་ངོ་ཤེས་པར་བྱེད་པ་ལ་ཟེར། ཉོན་མོངས་སྤྱི་དང་བྱེ་བྲག་གི་མཚན་ཉིད་ངོས་བཟུང་བ། དེའི་དོན་ནི། སྤྱིར་བཏང་ཉོན་མོངས་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དང་། ཁྱད་པར་དུ་འདོད་ཆགས་དང་ཁོང་ཁྲོ་དང་ང་རྒྱལ་སོགས་རེ་རེ་ནས་ག་འདྲ་ཞིག་ལ་ཟེར་གྱི་ཡོད་པ་དེ་ངོ་ཤེས་པར་བྱེད་པ་ལ་ཟེར། ཉོན་མོངས་ངོས་བཟུང་བའི་རྒྱུ་མཚན་ནི། རྗེའི་ལམ་རིན་ཆེན་མོ་ལས། ཉོན་མོངས་ཀྱི་མཚན་ཉིད་ཤེས་པ་ལ་ཡང་ཆོས་མངོན་པ་མཉན། མ་མཐའ་ནའང་ཕུང་པོ་ལྔའི་རབ་བྱེད་མཉན་ལ། རྩ་བ་དང་ཉེ་བའི་ཉོན་མོངས་རྣམས་ངོ་ཤེས་པར་བྱས་ནས་ཆགས་སྡང་ལ་སོགས་པ་གང་རུང་རྒྱུད་ལ་སྐྱེས་ཙ་ན། འདི་དེ་ཡིན་ཨང་ཁོ་བྱུང་ངོ་སྙམ་དུ་ངོས་བཟུང་གིན་ཉོན་མོངས་དང་འཐབ་པ་ཡིན་ནོ་གསུང་བ་ལྟར་གོ་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །