From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཊཱི་ཀ
|
Tibetan Definition
|
(ལེགས་སྦྱར) 1 (འདུལ་བ) མཚོ་ཊཱིཀ་ལས་ཊཱི་ཀ་ལས་ཞེས་མང་དུ་འབྱུང་བའི་ཊཱི་ཀ་དེ་གང་ལ་ཟེར་བ་ཡིན་ནམ་སྙམ་ན། དེ་ནི་མདོ་རྩ་བའི་འགྲེལ་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་བསྔགས་པ་སློབ་དཔོན་དྷརྨ་མི་ཏྲ་སྟེ་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་བིན་ཡ་སཱུ་ཏྲ་ཊཱི་ཀ་སྟེ་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ཟེར་བ་དེ་ལ་གོ་དགོས་སོ། །ཁོ་བོས། མཚོ་ཊཱིཀ་ཏུ་དྲངས་པའི་ཊཱི་ཀའི་ལུང་རྣམས་དང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པའི་མ་དཔེའི་ལུང་གཉིས་ཕན་ཚུན་ཚིག་རེ་རེ་བཞིན་མཉམ་བསྡུར་གྱིས་བརྟག་དཔྱད་ལེགས་པར་བྱས་ཏེ་ཐག་བཅད་པ་ཡིན་གྱི། འོལ་ཚོད་ཀྱིས་བྱས་པ་ནི་གཏན་ནས་མིན་པས་ཅིས་ཀྱང་ཡིད་ཆེས་པར་བྱོས་ཤིག མཚོ་ཊཱིཀ་ནང་འདིའི་ལུང་ཆེས་མང་པོ་ཁུངས་སུ་དྲངས་ཡོད་དོ། །འདི་སྡེ་དགེ་བསྟན་འགྱུར་འདུལ་བ་༼ འུ ༽དང་༼ ཡུ ༽གཉིས་ན་བཞུགས་སོ། །2 རྒྱ་ཆེར་འགྲེལ་པ་ཞེས་པའི་དོན། རྗེའི་འགྲེལ་པ་བཞི་སྦྲགས་ལས། རྒྱ་ཆེར་བཤད་པ། རྒྱས་འགྲེལ། རྒྱ་ཆེར་འགྲེལ་དུའང་བསྒྱུར་རོ། །ཞེས་གསུངས་པ་ལྟར་རོ། །ཊཱི་ཀ་ཞེས་པ་ནི་རྩ་བའི་ཚིག་དོན་རྒྱ་ཆེར་འགྲེལ་པ་ལ་ཟེར་ཡང་དེང་སང་མང་པོ་ཞིག་གིས་ཊཱི་ཀ་དང་འགྲེལ་པ་གཉིས་དོན་གཅིག་ཏུ་འཁྲུལ་བ་མང་ངོ༌། །འགྲེལ་པའི་སྐད་དོད་ནི་པྲཏྟི་ཞེས་པ་འདི་ཡིན་ལ། དཔེར་ན་འགྲེལ་པ་དོན་གསལ་ (འདི་ལ་འགྲེལ་ཆུང་ཡང་ཟེར) ལ་ཊཱི་ཀ་ཞེས་མི་ཟེར་བར་པྲཏྟི་ཞེས་སྨོས་པ་ཡང་རྒྱུ་མཚན་དེས་ཡིན་ནོ། །
|