2681

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏ་ཊི་བྷ
Tibetan Definition (ལེགས་སྦྱར) བྱ་ཏྲི་ཏྲི། བྱ་དེའི་ཚང་རྒྱ་མཚོའི་འགྲམ་ན་ཡོད་པ་རྒྱ་མཚོའི་རླབས་ཀྱིས་ཚང་དང་སྒོ་ང་རྒྱ་མཚོའི་ནང་དུ་ཁྱེར་རོ། །དེར་བྱ་དེས་རྒྱ་མཚོ་ཟད་པར་འདོད་ནས་གཤོག་པས་རྒྱ་མཚོའི་ཆུ་ཕྱིར་འབོ་བས། དྲང་སྲོང་ཞིག་ན་རེ་དུད་འགྲོ་མཐུ་ཆུང་བ་རྒྱ་མཚོ་ལ་ཅི་བྱར་ཡོད་ཅེས་ཁྲལ་རྒོད་བྱས་པ་ལ། བྱ་ཁྱུང་དེ་ན་ཡོད་པ་ཐོས་ནས་ཁྲོས་ཏེ་གཤོག་པ་གཅིག་གིས་རྒྱ་མཚོ་བཀབ། གཅིག་ནམ་མཁའ་ལ་འཕྱར་བས་ཀླུ་རྣམས་སྐྲག་སྟེ། ཚང་དང་སྒོ་ང་དེ་མ་ཐག་ཕྱིར་བཏོན་ཏེ་བཏང་ངོ་ཞེས་གྲགས་པས་བྱ་ཏྲི་ཏྲི་ཞེས་པ་དེང་སང་བྱ་དྲུ་དྲུ་ཞེས་པ་ཆེ་ཆུང་ཕུག་རོན་ཙམ་མདོག་སྐྱ་བོ་ཞིག་ཡོད་པ་དེ་ཡིན་ནམ་སྙམ། ཞེས་དབྱངས་ཅན་དགའ་བློ་གསུང་ངོ་། །ས་སྐྱ་ལེགས་བཤད་ལས། དགྲ་བོའི་ནུས་པ་མ་བརྟགས་པར། །ཉམ་ཆུང་ན་ཡང་བརྙས་མི་བྱ། །ཏ་ཌི་བྷ་ལ་བརྙས་པ་ཡིས། །ནམ་མཁའ་ལྡིང་གིས་རྒྱ་མཚོ་བཅོམ། །ཞེས་གསུངས་པ་ལྟ་བུ།