2685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏ་ཟིག
Tibetan Definition 3 ཀསྨིར་གྱི་ནུབ་དང༌། ཨབ་གྷན་ནིསྠཱན་གྱི་བྱང་ཕྱོགས་སུ་ཡོད་པའི་ (Tajik) ཞེས་པའི་རྒྱལ་ཁབ་དེར་ལོ་རྒྱུས་མཁས་པ་ཚོས་ངོས་འཛིན་བྱེད་མཁན་འདུག འདི་ལ་ (Tadzhik) དང་ (Tadzhikistan/Tajikistan) ཞེས་པའི་འབྲི་ཚུལ་གཞན་ཡང་སྣང༌། ཏ་ཟིག་ཀིསྠཱན་ཞེས་པ་ནི་ཏ་ཟིག་གི་ཡུལ་ཞེས་པའི་དོན་རེད། ལྕང་སྐྱ་རོལ་པའི་རྡོ་རྗེའི་སྒྲ་རིག་པའི་དག་ཡིག་ལས་ཀྱང༌། སྠཱ་ན་ཞེས་རྣམ་དབྱེ་བདུན་པ་གནས་གཞི་སྟོན་པར་འགྱུར་བ་ལྟ་བུའོ། །ཞེས་གསུངས་པ་ལྟར་རོ། །སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ཕྱག་ཆེན་སྨོན་ལམ་གྱི་འགྲེལ་པར། འདི་ལྷ་མ་ཡིན་གྱི་རྗེས་སུ་འབྲང་བའི་སྟོན་པ་རཱ་མ་ཎས་སྦྱར་བའི་གཞུང་ལུགས་འཛིན་པ་ཏ་ཟིག་པའམ་ཀླ་ཀློར་གྲགས་པ། ཞེས་པའི་གསུང་སྲོལ་ཞིག་དང༌། ཡང་ཏ་ཟིག་པ་ནི་མུ་སྟེགས་པ་ལས་ཀྱང་ཐ་ཆད་དུ་གསུངས་པའི་བཤད་སྲོལ་སྣང༌། འདི་གནའ་དུས་བོད་དང་འབྲེལ་བ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཚུལ་དེབ་ཐེར་དཀར་པོར་གསུངས་འདུག འདི་སྐོར་རྒྱས་པ་གཟིགས་འདོད་ན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེའི་ཚིག་མཛོད་དུ་གཟིགས། སྟག་གཟིག་ཞེས་བྲིས་པའང་མང་དུ་སྣང་ངོ༌། །