2686

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏ་ལ
Tibetan Definition (ལེགས་སྦྱར) 1 ཤིང་ཏ་ལ་སྟེ། ཤིང་སྡོང་རིང་ཞིང་མཁྲེགས་ལ། ལོ་མ་རླུང་གཡབ་འདྲ་བ། མགོ་བཅད་ན་མི་སྐྱེ་བའི་ཤིང་སྡོང་ཞིག ཤིང་སྡོང་ལ་གྲིས་ཉག་ཀ་བཏོད་ནས་ཤིང་ཆུ་བཏོན་ནས་ཤིང་ཆང་བཟོ་བར་བྱེད། དབྱིན་སྐད་དུ Palmyra tree ཟེར། 2 བེ་ཏའི་འབྲས་བུ་དང་དོན་གཅིག མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བས་གཏམ་རྒྱུད་གསེར་གྱི་ཐང་མ་ལས། ཏ་ལ་དང་བེ་ཏའི་འབྲས་བུ་སྟེ་ཀོ་ཀོ་ན་ཊི་Coconut གཉིས་དོན་གཅིག་ཏུ་མཛད་འདུག ཏ་ལ་ནི་ཀོ་ཀོ་ལ་ཊི་ལ་འཇུག་པར་དཔེར་ན། ཀློང་རྡོལ་བླ་མའི་བུད་མེད་བརྟག་ཐབས་ལས། ནུ་མ་ཏ་ལའི་འབྲས་འདྲ་བཞིན་རས་རྒྱས། །ཞེས་པ་ལྟ་བུ། 3 སྒྲོན་མེ་ལའང་འཇུག དཀོན་མཆོག་ཏ་ལའི་མདོ་ཞེས་པ་ལྟ་བུ། 4 ཐལ་མོ་བརྡབ་པ། 5 གླང་ཆེན་གྱི་རྣ་འདབ་ཕན་ཚུན་གཡོབ་པ་སོགས་དོན་མང་པོ་ལ་འཇུག་པར་བཤད།