2691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏམྦུ་ར
Tibetan Definition (ལེགས་སྦྱར) 1 རྒྱུད་མངས་ཞེས་བྱ་བ་སྟེ། རྒྱུད་དམ་སྐུད་པ་བཞིའམ་ལྔའམ་དྲུག་དང་ལྡན་པའི་ལྕོང་མོའི་དབྱིབས་འདྲ་བའི་སྒྲ་སྙན་ཞིག ཏḆ๱རཱ་ཞེས་འབྲི་བར་བྱེད་ཀྱང་། ཏḆ๱རཱ་ तम्पूरा ཞེས་བྲིས་ན་དག་པར་སེམས། སྒྲ་བཤད་ནི། རྒྱུད་ནི་འདིར་སྐུད་པའི་མིང་ཡིན་ལ། མངས་ནི་མང་པོ་སྟེ། སྐུད་པ་མང་པོ་ལྡན་པའི་རོལ་ཆས་ཡིན་པས་ན་རྒྱུད་མངས་ཞེས་བྱའོ། །དེང་སང་སི་ཏཱུར་ཞེས་གྲགས་པ་དེ་དང་འདྲ་བ་ལ། ཁྱད་པར་ནི། སཱི་ཏཱར་ནི་རྒྱུད་གསུམ་ཙམ་དང་ལྡན་ལ། རྒྱུད་མངས་ནི་བཞི་ནས་དྲུག་གི་བར་རོ། །རྒྱ་གར་ཡུལ་སྐད་དུ་Tanpura ཏན་པུ་ར་ཟེར། ཨ་རབ་ཀྱི་སྐད་ལའང་ཏམྦུ་ར་ཞེས་འབོད། 2 ལྕོང་མོ། 3 པི་ཝང་གི་མིང་ཡིན་པར་ཡང་བཤད། 4 དྲི་ཟ་ཞིག་བཅས་ཀྱི་མིང་ཡིན་པར་བཤད།