From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏཱ་ལའི་བླ་མ
|
Tibetan Definition
|
ཏཱ་ལ་ནི་སོག་སྐད་དུ་རྒྱ་མཚོའི་མིང་ཡིན་པས་རྒྱ་མཚོ་བླ་མ་ཞེས་པ་སྟེ། དེ་ཡང་སོག་པོའི་རྒྱལ་པོ་ཨལ་ཐན་ཁཱན་གྱིས་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་ཆོས་ཞུས་པའི་ཡོན་དུ་ནོར་བུ་སོགས་རིན་པོ་ཆེའི་འབུལ་བ་གྱ་ནོམ་པ་དང་བཅས། ཏཱ་ལའི་བླ་མ་བཛྲ་དྷ་ར་རྡོ་རྗེ་འཆང་རྒྱ་མཚོ་བླ་མ ཞེས་པའི་མཚན་བསྟོད་ཕུལ། དེ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཐམས་ཅད་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་གྱིས་བསྔགས་སྲོལ་བྱུང་བ་རེད། རྒྱལ་པོར་ཡང་ཆོས་རྒྱལ་ལྷའི་ཚངས་པ་ཞེས་པའི་མཚན་ཕར་ཕུལ་བའི་ལོ་རྒྱུས་ཡོད།
|