270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཽ་ཤཱམྦྷི
Tibetan Definition (ལེགས་སྦྱར) 1 (འདུལ་བ) རྒྱ་གར་གྱི་གྲོང་ཁྱེར་ཞིག་སྟེ། ཝཱ་རཱ་ཎ་སཱི་ནས་ཨ་ལ་ཧ་བ་ད་དང་། དེ་ནས་བྷ་ར་ཝ་རི་བར་སོང་ནས་མོ་ཊར་ལས་མེ་ལི་མང་ཙམ་སོང་བ་ན། ཆུ་བོ་ཡ་མུ་ནའི་འགྲམ་དུ་ཀཽ་ཤཱམྦྷིའི་ཤུལ་ཡོད་ཅིང་། དེང་སང་ཡང་ཀོ་ཤམ་ཟེར། དེར་མྱ་ངན་མེད་ཀྱི་རྡོ་རིང་དང་ཞིང་གི་དཀྱིལ་ན་སྔོན་གྱི་གྲོང་ཁྱེར་གྱི་ལྕགས་རི་གསལ་ཙམ་ཡོད། འདིར་བློན་པོ་གདངས་ཅན་གྱིས་སངས་རྒྱས་སྤྱན་དྲངས་ཏེ་ལོ་གཅིག་བཞུགས། ཀཽ་ཤཱམྦྷི་ནས་ལྷོ་ཕྱོགས་སུ་རྒྱང་རིང་པོ་ན་རི་བོ་འབིགས་བྱེད་ཀྱང་གསལ་བར་མཐོང་། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག་ན་གསལ་བ་ལྟར་རོ། །ཀཽ་ཤཱམྦྷི་ཞེས་བྱ་བའི་གང་ཟག་གིས་བརྩིགས་པའི་གྲོང་ཁྱེར་ཡིན་པས་དེ་ལྟར་དུ་བཏགས་སོ། །ཀཽ་ཞེས་པའི་ཡི་གེ་འདིའི་བཀླག་ཚུལ་ནི། ཀོ་ཨུ་ཞེས་བཀླག་དགོས་པར་གོང་དུ་ “ཀཽ” ཞེས་པའི་ཐད་དུ་བཤད་པ་ལྟར་རོ། ། 2 མཛོད་ལྡན།  3 རྩྭ་ཀུ་ཤ།  4 (འདུལ་བ) གང་ཟག་ཅིག་གི་མིང་།