From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཏིང
|
Tibetan Definition
|
1 ཡོན་ཆབ་འབུལ་སའི་སྣོད་ཀྱི་མིང་། མཆོད་ཏིང་ལ་བདུན་ཚར་བྱེད་པའི་རྒྱུ་མཚན་ནི། ཆུ་གཉིས་དང་། ཉེར་སྤྱོད་ལྔ་སྟེ་བདུན་མཚོན་བྱེད་ཡིན། ཆུ་གཉིས་ནི། མཆོད་ཡོན་དང་། ཞབས་བསིལ་ལོ། །ཉེར་སྤྱོད་ལྔ་ནི། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་དང་ལྔའོ། །དེས་ན་ཆུ་གཉིས་དང་ཉེར་སྤྱོད་ལྔ་སྟེ་བདུན་མཚོན་བྱེད་དོ། །སྒྲ་བཤད་ནི། འདི་ལ་ཏིང་ཞེས་པའི་རྒྱུ་མཚན་ནི། ལི་ཏིང་ལྟ་བུར་དབྱུག་གུས་བསྣུན་པའམ་ཕུ་བརྒྱབ་ན་ཏིང་ཞེས་པའི་སྒྲ་འབྱུང་བས་དེའི་ཆ་ནས་བཏགས་པའོ། །
|