2712

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏིང་ངེ་འཛིན་སེམས་དཔའ
Tibetan Definition ཡེ་ཤེས་སེམས་དཔའི་ཐུགས་ཀར་གསལ་བཏབ་པའི་ཡིག་འབྲུའི་ས་བོན་ཧཱུྃ་དང་ཏཾ་ལ་སོགས་པ་ལ། ཏིང་ངེ་འཛིན་སེམས་དཔའ་ཟེར། སྒྲ་བཤད་ནི། གནས་འདི་ལ་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་གྱི་མཆོག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ནས་སྒྲུབ་པ་པོ་ངེས་པར་ལེགས་པ་ལ་སྦྱོར་བས་ན་དེ་ལྟར་བརྗོད་པའི་ཕྱིར། ཞེས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གསུང༌།