2719

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཏུ་རུཀྵ
Tibetan Definition (ལེགས་སྦྱར) 1 གར་ལོག་གི་མིང་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ། 2 ཏ་ཟིག་གི་ཡུལ་གྱི་མིང་སྟེ། ཏ་ཟིག་གི་རྒྱལ་པོ་ཏུ་རུཥྐས་དབང་བསྒྱུར་བའི་ཡུལ། 3 ཀསྨིར་རམ་ཁ་ཆེའི་ཡུལ་གྱི་ཚེ་ལོ་བརྒྱ་ཐུབ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་གི་མིང་། ཏཱ་ར་ནཱ་ཐའི་རྒྱ་གར་ནང་པའི་ཆོས་འབྱུང་༡༠༡ལས། དེའི་ཚེ་ཁ་ཆེའི་ཡུལ་ལ་རྒྱལ་པོ་ཏུ་རུཥྐ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ་། །ཞེས་གསུངས་པ་ལྟར་རོ། །4 ཧོར་དང་སོག་པོའི་མིང་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ། 5 ཏུར་ཀི། (Turkey/Turks) ཞྭ་སྒབ་པའི་རྒྱལ་རབ་དེབ་དང་པོ་༢༦༥ནང་། ཏུར་ཀི་དང་ཏུ་རུཀྵ་གཉིས་དོན་གཅིག་པར་བྱས་འདུག དེས་ན་ཏུ་རུཀྵ། ཏུ་རུ་ཀ། ཏུ་རུ་ཁ། ཏུ་རུཥྐ། ཏུ་རུསྐ། དུ་རུ་ཀ་ (ཐ་མ་གསུམ་པོ་འདི་སྤོས་ཀྱི་བྱེ་བྲག་གི་མིང་ཡིན་པར། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ན་གསལ) རྣམས་དག་མ་དག་གི་འབྲི་ཚུལ་སྣ་ཚོགས་ཀྱི་དབང་གིས་གོ་བ་ལེན་ཚུལ་སྣ་ཚོགས་ཤིག་འབྱུང་སྣང་ཡང་། ངེས་དོན་དུ་གཉིས་སུ་འདུ་བར་སེམས་ཏེ། ཏུ་རུཀྵ་གར་ལོག་གི་མིང་དང་། ཏུ་རུ་ཀ་སྤོས་ཀྱི་བྱེ་བྲག་གི་མིང་གཉིས་སུ་འདུས་པར་སེམས་སོ། །ད་དུང་དཔྱད་དོ། །