2745
Jump to navigation
Jump to search
| ཏྲོན་བྱེད་པ | |
| Tibetan Definition | (བརྡ་རྙིང) (འདུལ་བ) འབད་བརྩོན་བྱེད་པའི་མིང་སྟེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ཏྲོན་བྱ་བར་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་པར་རོ། །ཞེས་དང་། ཡང་དེ་ཉིད་ལས། རྣམ་པར་འཚེ་བ་ལ་ཏྲོན་མཛད་ཀྱི་ཞེས་བྱ་བ་ནི་མཐོ་འཚམ་པ་ལ་བརྩོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས་པ་ལྟར་རོ། །ལུང་རྣམ་འབྱེད་༼ ཇ ༽༡༥༡བ༡ལས། ཅི་བྱས་ཇི་ཙམ་གྱི་དགེ་བའི་ཕྱོགས་ལ་ཏྲོན་བྱེད་ཀྱང་མི་ནུས་པ་དེ་ཙམ་གྱི་ཟས་ཟོས་སོ། །ཞེས་གསུངས་པ་ལྟ་བུའོ། ། |
|---|---|