From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| ཐ་མལ་གྱི་སྣང་ཞེན
|
| Tibetan Definition
|
རང་དང་སྣོད་བཅུད་སོགས་ཐ་མལ་དུ་སྣང་ཞིང་དེར་ཞེན་པའི་བློ། འདི་བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ཡིན། རྗེའི་སྔགས་རིམ་ཆེན་མོ་ལས། བསྐྱེད་རིམ་གྱི་ཐུན་མོང་མ་ཡིན་པའི་སྤང་བྱ་ནི། རྟེན་དང་བརྟེན་པ་ཐ་མལ་པའི་སྣང་བ་དང་རྟེན་དང་བརྟེན་པ་ཐ་མལ་པར་ཞེན་པའི་ང་རྒྱལ་ཡིན་ཏེ། ཞེས་གསུངས། གཞན་ཡང་དེ་ཉིད་ལས། འདིའི་ཐ་མལ་པའི་སྣང་བ་ནི། དབང་པོའི་ཤེས་པ་ལ་སྣང་བའི་སྣོད་བཅུད་མིན་གྱི་ཡིད་ཀྱི་ཤེས་པ་ལ་ཐ་མལ་གྱི་སྣོད་བཅུད་དུ་སྣང་བ་ཡིན་ལ། ཞེས་གསུངས་སོ། །རྗེ་དཔལ་མང་པའི་སྔགས་ཀྱི་ས་ལམ་༼ རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད ༽ལས། བསྐྱེད་རིམ་སྤང་བྱ་ཐ་མལ་སྣང་ཞེན་གྱི། །གཉེན་པོ་ལྷ་ཡི་ང་རྒྱལ་ཡོད་པ་དང་། །གསལ་སྣང་མེད་པ་གཉིས་ལ་མུ་བཞི་འོང་། །སྣང་བའི་གཉེན་པོར་ལྷ་ཡི་རྣམ་པ་དང་། །ཞེན་པའི་གཉེན་པོར་ལྷ་ཡི་ང་རྒྱལ་བསྒོམ། །ཐ་མལ་སྣང་ཞེན་གཉིས་ཀྱི་གཙོ་བོ་ནི། །བདེན་སྣང་བདེན་ཞེན་གཉིས་ལ་བྱེད་དགོས་གསུངས། །ཞེས་གསུངས།
|