2775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐ་སྙད་དུ་ཡོད་པ
Tibetan Definition ཐ་སྙད་པའི་ཤེས་པ་ལ་གྲགས་པ། གྲགས་པ་ནི་འདིར་སྣང་ཞིང་མྱོང་བའམ་གྲུབ་པའི་དོན དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མི་གནོད་པ་སྟེ་ཁྱད་པར་གསུམ་ལྡན་ཞིག་ལ། ཐ་སྙད་དུ་ཡོད་པ་ཞེས་བྱའོ། །དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། ཐ་སྙད་པའི་ཤེས་པ་ལ་གྲགས་པ་ཡིན་པ་དང་ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མེད་པ་དང༌། དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ། དེ་ལས་ལྡོག་པ་ནི་མེད་པར་འདོད་དོ། །ཞེས་གསུངས། ཐ་སྙད་དུ་ཡོད་པ་དང་ཡོད་པ་གཉིས་དོན་གཅིག