2784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐག་གུ
Tibetan Definition ཐག་པ་ཐུང་ཐུང་ལ་ཐག་གུ་ཟེར། འདིའི་ཚིག་ཟུར་གྱི་གུནི་ཆུང་ངུའམ་ཕྲ་མོའི་དོན་ཡིན་ཏེ། དཔེར་ན་ཁྱི་ཆུང་ངུ་ལ་ཁྱི་གུ་ཞེས་བརྗོད་པ་ལྟ་བུ། ཐག་གུ་ཞེས་བརྗོད་ན་ལེགས་པ་ཡིན་ཀྱང་། ཐ་གུ་ཞེས་འབྲི་བ་འདི་ཡོངས་ཁྱབ་དང་གྲགས་ཆེ་བར་སོང་། ཐག་གུ་ཞེས་བརྗོད་ན་ལེགས་པའི་རྒྱུ་མཚན་ནི། ཐག་གུ་ཞེས་བརྗོད་ན་ཐག་པ་དང་འབྲེལ་བ་ཡོད་པ་ཤེས་ཐུབ་ལ། ཐ་གུ་ཞེས་བརྗོད་ན་གོ་མི་ཐུབ་པས། དེའི་ཕྱིར་ཐག་གུ་ཞེས་བརྗོད་ན་ལེགས་སོ། །