2816
Jump to navigation
Jump to search
ཐབས་ཡིན་ནོ | |
Tibetan Definition | (འདུལ་བ) དེ་ལྟར་གྱིས་ཤིག་ཅེས་པའི་དོན། སྒྲ་བཤད་ནི། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཏེ་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་ལས། ཐབས་ཡིན་ནོ་ཞེས་བྱ་བ་ནི་ཁས་བླངས་པ་སྟེ། (ཁས་བླངས་པ་ཞེས་པ་ནི་ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཡིན་པར་གསུང་བ་པོས་ཁས་བླངས་པའི་དོན་ཡིན་པར་སྙམ) དེ་ལྟར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། ཞེས་གསུངས། |
---|