From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐམས་ཅད་དང་མ་ལུས་པའི་ཁྱད་པར
|
Tibetan Definition
|
སྤྱིར་ཐམས་ཅད་དང་ཀུན་ཞེས་པ་དོན་འདྲ་ཡང༌། ནང་གསེས་ཀྱི་ཁྱད་པར་ནི། ཐམས་ཅད་ཅེས་པ་སྐབས་རེར་ཕྱོགས་རེ་བ་ལའང་འཇུག་ཅིང༌། མ་ལུས་པ་ནི་ལྷག་མ་མེད་པའམ་མ་ཚང་བ་མེད་པ་ཞེས་བྱ་བའི་དོན་ནོ། །སྤེལ་མར་བསྟོད་པ་སྔགས་རིམ་ཆེན་མོར་དྲངས་པ་ལས། གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །ཞེས་གསུངས་པ་ལྟར་རོ། །བཟང་པོ་སྤྱོད་པའི་སྨོན་ལམ་ལས། བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ཞེས་དང་། ཐམས་ཅད་མ་ལུས་མངོན་དུ་འགྱུར་བར་ཤོག །ཅེས་གསུངས་པ་ལྟ་བུ་རྣམས་སོ། །ཀླུ་སྒྲུབ་ཀྱི་༼ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་བཤད་སྦྱར ༽ལས། བརྗོད་པར་འདོད་པའི་དབང་གིས་ཕྱོགས་གཅིག་བརྗོད་པས་ཐམས་ཅད་ཀྱི་སྒྲ་མཐོང་བ་དེས་ན་ལྷག་མ་མ་ལུས་པ་ཡོངས་སུ་གཟུང་བའི་དོན་དུ་མ་ལུས་པ་ཞེས་གསུངས་སོ། །ཞེས་གསུངས་པ་ལྟར་རོ། །
|