2829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཐར་པ
Tibetan Definition བཅིངས་པ་ལས་གྲོལ་བ་ལ་ཟེར། སྒྲ་བཤད་ནི། ལས་ཉོན་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ་དེའི་དབང་གིས་ཁམས་གསུམ་འཁོར་བའི་སྐྱེ་གནས་རྣམས་སུ་རང་དབང་མེད་པར་ཉིང་མཚམས་སྦྱོར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལ་གྲོལ་བ་ནི་ཐར་པའོ། །རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པ་ལྟར་རོ། །མིང་གི་རྣམ་གྲངས་ནི། མ་ལུས་པར་སྤངས་པ། ངེས་པར་སྤངས་པ། བྱང་བར་གྱུར་པ། ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ། རྣམ་པར་ཞི་བ། ནུབ་པ་ལ་སོགས་པ་ཀུན་བཏུས་སུ་གསུངས་ལ། སའི་དངོས་གཞི་ལས་ནི། རྟག་པ། བརྟན་པ། ཐེར་ཟུག མི་འགྱུར་བའི་ཆོས་ཅན། གནས། གླིང༌། སྐྱོབ་པ། སྐྱབས། དཔུང་གཉེན། བདེ་བ། ཞི་བ། ལེགས་པའི་གཞི། བདེ་ལེགས་སུ་འགྱུར་བ། མི་གཡོ་བ། མི་གཞནལ་བ། བལྟར་དཀའ་བ། འཆི་བ་མེད་པ། མྱ་ངན་མེད་པ། འཆི་འཕོ་མེད་པ། རིམས་ནད་མེད་པ། ཡོངས་སུ་གདུང་བ་མེད་པ། ནད་མེད་པ། གཡོ་བ་མེད་པ། མྱ་ངན་ལས་འདས་པ། སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཞེས་མཆིམས་མཛོད་ན་གསལ།