From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐར་པ་ཆ་མཐུན
|
Tibetan Definition
|
ཚོགས་ལམ། སྒྲ་བཤད་ནི། (མཆིམས་མཛོད) ཐར་པ་ནི་མྱ་ངན་ལས་འདས་པ་ཡིན་ཞིང༌། དེའི་ཆ་ནི་དེ་འཐོབ་བྱེད་ཀྱི་རྒྱུ་སྦྱོར་ལམ་ཡིན་ལ། དེ་ལ་ཕན་འདོགས་པས་ན་མཐུན་ཞེས་བྱའོ། །མཆིམས་མཛོད་ལ་གཞི་བྱས་ཏེ་བཀོད། མདོར་ན་སྦྱོར་ལམ་ལ་ཕན་འདོགས་པའི་ལམ་ཡིན་པས་ཐར་པ་ཆ་མཐུན་ཞེས་བྱའོ། ། (སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན) ཉོན་སྒྲིབ་སྤངས་པའི་འགོག་བདེན་ནི་ཐར་པ་ཡིན་ཞིང༌། ཉོན་སྒྲིབ་ཀུན་བཏགས་སྤངས་པའི་འགོག་བདེན་ཐར་པའི་ཆ་ཡིན་ལ། ཁྱོད་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་ལམ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཞེས་སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གསུང་ངོ༌། །
|