From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐར་པ་དོན་གཉེར་གྱི་བློ
|
Tibetan Definition
|
ཐར་པ་དོན་གཉེར་གྱི་བློ་ངོས་བཟུང་བ་ནི། ལས་ཉོན་གྱི་དབང་གིས་ཁམས་གསུམ་འཁོར་བའི་གནས་སུ་ཉིང་མཚམས་སྦྱོར་བ་ལས་གྲོལ་བ་ནི་ཐར་པ་ཡིན་ལ། དེ་ཐོབ་པར་འདོད་པ་ནི་ཐར་པ་དོན་དུ་གཉེར་བའི་བློའོ། །རྗེའི་ལམ་རིམ་ཆེན་མོ་ལས། ཐར་པ་ཞེས་པ་ནི་བཅིངས་པ་ལས་གྲོལ་བ་སྟེ། དེ་ཡང་ལས་དང་ཉོན་མོངས་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ། དེ་གཉིས་ཀྱི་དབང་གིས་ཁམས་ཀྱི་དབང་གིས་འདོད་ཁམས་ལ་སོགས་པ་གསུམ་དང་འགྲོ་བས་ཕྱེ་ན་ལྷ་ལ་སོགས་པ་ལྔའམ་དྲུག་དང་སྐྱེ་གནས་ཀྱི་སྒོ་ནས་མངལ་ལ་སོགས་པ་བཞིར་ཕུང་པོ་ཉིང་མཚམས་སྦྱོར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལས་གྲོལ་བ་ནི་ཐར་པའོ། །དེ་ཐོབ་པར་འདོད་པ་ནི་ཐར་པ་དོན་དུ་གཉེར་བའི་བློའོ། །ཞེས་གསུངས་པ་ལྟར་རོ། །
|