From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཐལ་གོང་རྒྱས་པ
|
Tibetan Definition
|
1 ཕྲག་གོང་རྒྱས་པ་སྟེ། དཔུང་པའི་སྣེ་མོ་ནས་མཇིང་པའི་རྩ་བའི་བར་གྱི་ཆ་ཤས་རྣམས་ཀྱང་ཀྱོང་མེད་པར་ཤ་ཡིས་ཁེངས་ནས་ཡོད་པའི་དོན། ཨ་བྷ་ཡ་ཀ་རའི་ཐུབ་པ་དགོངས་རྒྱན་ལས། དཔུང་མགོ་དག་གི་བར་དང་བར་ནི་ཐལ་གོང་སྟེ་འདིའི་དེ་ཉེ་བར་རྒྱས་པའོ་ཞེས་པ་ཐལ་གོང་རྒྱས་པའོ། །ཞེས་དང༌། རྗེའི་ལེགས་བཤད་གསེར་ཕྲེང་༡༡༨བ༢ལས། ཐལ་གོང་རྒྱས་པ་ནི་དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ་ལ་དགོངས་རྒྱན་དང་བྲང་ལ་དག་ལྡན་ལས་ཏེ། མདོར་ན་གསེར་གྱི་གཏན་པ་ཕྱིས་པ་ལྟར་བྲང་མི་མཉམ་པ་མེད་པ་སྟེ། ཞེས་གསུངས་ཤིང་། རྒྱལ་ཚབ་ཆོས་རྗེའི་རྣམ་བཤད་སྙིང་རྒྱན་ལས། དཔུང་མགོ་ཕན་ཚུན་གྱི་བར་རྒྱས་པ་ཐལ་གོང་རྒྱས་པ་ཉིད་དང་ལྡན་ཏེ། ཞེས་གསུངས།
|