284

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེ་རྡོ་རྗེ
Tibetan Definition <ཧེ་བཛྲ> ཀྱེ་རྡོ་རྗེ། དགྱེས་པ་རྡོ་རྗེ། རོལ་པའི་རྡོ་རྗེ་ཞེས་མཚན་མི་འདྲ་བ་གསུམ་འབྱུང་བ་ནི། སྐད་དོད་ཧེ་བཛྲ་ལ། དོན་མི་འདྲ་བ་གསུམ་དང་། དེ་ལ་བརྟེན་ནས་འགྱུར་མི་འདྲ་བ་གསུམ་བྱུང་བའི་གནད་ཀྱིས་ཡིན་ཏེ། ཧེ་ནི། འབོད་ཅིང་བསྐུལ་བ་དང་། དགྱེས་པའི་དོན་དུ་བསྒྱུར་ཞིང་། ཡང་ན། ཧེ་ལ་ལ་བསྣན་པས་ཧེ་ལ་རོལ་པ་སྟེ་སེམས་ཅན་གྱི་དོན་ལ་རོལ་པའི་སྐུར་སྟོན་པས་ན་རོལ་པ་ཞེས་སྒྲ་འཇུག་པར་བཤད། ཡང་། རོལ་པའི་རྡོ་རྗེའི་སྐད་དོད་ལ། ཨ་ལ་ལ་བཛྲ་ཞེས་འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།